Page:Journal asiatique, série 6, tome 5-6.djvu/1123

La bibliothèque libre.
Le texte de cette page a été corrigé et est conforme au fac-similé.
543
DU BUDDHISME DANS LE KASHMIR.

ཉིད་ཀྱི་འབྲས་བུ་ཐོབ་སྟེ ། དེ་དག་ཆུ་བོ་གང་ [1] གྰའི་དབུས་དང ། ཉི་མའི་གུང་ལ་རབ་ཏུ་བྱུང་ནས ། ཁ་ཅིག་ནི་ཆུ་དབུས ། ཁ་ཅིག་ནི་ཉི་མའི་གུང་ཞེས་བྱ་བར་ཀུན་ཏུ་གྱགས་ཏེ ། ཏེ་དག་གིས་བྱ་བ་བྱས་ནས་ཚེ་དང་ལྡན་པ་ཀུན་དགའ་བོའི་རྐང་པ་ལ་མགོ་བོས་ཕྱག་བྱས་ཏེ་སླྲས་པ ། བཅེམ་ལྡན་འདས་ཀྱིས་རབ་བཟང་ཐམས་ཅད་ཀྱི་ཐ་མར་དབ་ཏུ་ཕྱུང་ན [2] ། དང་པོར་ཡོངས་སུ་མྱ་ངན་ལས འདས་པས ། མཁན་པོས་བཀའ་སྕོལ་ཅིག་དང ། བདག་ཅག་ནི་སྔར་ཡོངས་སུ་མྱ་ངན་ལས་འདའ་སྟེ ། མཁན་པོ་ཡོངས་སུ་མྱ་ངན་ལས་འདའ་བ་ [3] ལྟ་བར་ནི་བདག་ཅག་མི་འཚལ་ལོ །། གནས་བརྟན་གྱིས་སྨྲས་པ ། བུ [4] བཅོམ་ལྡན་འདས་ཀྱིས་ཆེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བསྟན་པ་གཏན་ནས་ཡོངས་སུ་མྱ་ངན་ལས་འདས་སོ །། གནས་བརྟན་འོད་སྲུང་ཆེན་པོས་ཀྱང་ང་ལ་གཏད་དེ། ད་ང་ནི་ཡོངས་སུ་མྱ་ངན་ལས་འདའ་བས ། བསྟན་པ་འདི ཁྱིད་ཀྱིས་ཡོངས་སུ་སྲུངས་ཤིག​ ། བཅོམ་ལྡན་འདས་ཀྱིས་ཁ་ཆི་འི་ཡུལ ནི་བསམ་གདན་དང་འཐུན་པ་དང་ ། གནས་མལ གྱི་མཆོག་གོ་ཞེས་འདི་ལྟར་ཁ་ཆེའི་ཡུལ་ལུང་བསྟན་པ་དང་ ། བཅོམ་ལྡན་འདས་ཀྱིས་ཡོངས་སུ མུ་ངན་ལས་འདས་ནས​ ། ལོ་བརྒྱ་ལོན་པ་དང ། དགེ་སློང་ཉི་མའི་གུང་

  1. Le texte porte གར་གའི. La correction du deuxième en གྰ​ ne peut être douteuse.
  2. On pourrait lire ནས au lieu de .
  3. On pourrait lire བལྟ​ en un mot : le texte sépare et ལྟ​ par un point.
  4. Ce mot བུ est peu reconnaissable dans le texte ; mais comme il est répété à la fin du discours, la lecture ne saurait être douteuse.