Aller au contenu

Page:Journal asiatique, série 6, tome 5-6.djvu/1122

La bibliothèque libre.
Le texte de cette page a été corrigé et est conforme au fac-similé.
542
DÉCEMBRE 1865.

TEXTE TIBÉTAIN DU KANDJUR.

TRADUIT, PAGES 483-497.
Mort d’Ananda. — Conversion du Kashmir, par Madhyântika. — Série des premiers patriarches buddhistes.
(Dulva, XI, fol. 686-690.)

(Je mets entre crochets [ ] les lettres que je propose d’ajouter au texte, entre parenthèses ( ) celles que je propose d’en retrancher.)

ཇི་ཙམ་ན་གནས་བརྟན་ཀུན་ཏགའ་བོ་ལོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཆོ།ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས​།། དེའི་ཚེ་དྲང་སྲོང་གཞན་ཞིག་འཁོར་ལྔ་བརྒྱ་བསྐོར་ནས ། ཚེ་དང་ལྡན་པ་ཀུན་ཞྡགའ་བོ་ག་ལ་བ་དེར་རྫུ་ཕྲུལ་གྱིས་སོང་སྟེ ། ཐལ་མོ་སྦྱར་ནས་གནས་བརྟན་ཀུན་དགའ་བོ་ལ་བདག་ཅག་ནི་ལེགས་པར་གསུངས་དགེ་སློང་གི་དངོས་པོ་གསོལ་ལོ་ཞེས་སྨྲས་པ་དང་ ། ཇི་ཙམ་ན་གནས་བརྟན་ཀུན་དགའ་བོས་སློབ་མ་རྣམས་ལྟན་ཅིག་ཏུ་བདག་གི་དྲུང་དུ་ཚུར་ཤོག་ཅེས་བསམ་པ་བསྐྱེད་ནས ། དེས་བསམ་པ དེ་བཡྣྶྐྱེད་མ་ཐག་ཏུ་དེ་བཞིན་དུ་སློབ་མ་ལྔ་བརྒྱ་དེར་འོངས་སོ་ ། གནས་བརྟན་ཀུན་དགའ་བོས་ཆུའི་དབུས་ས་གཞིར་སྤྲུལ་ནས ། ལམ་མེད་པར་བྱས་སོ །། ཇི་ཙམ་ན་དྲང་སྲོང་འཁོར་ལྔ་བརྒྱ་པོ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པར་གསོལ་པ་བྱས་པ་དང ། ལཁོར་ལྔ་བརྒྱ་བོས་ཕྱིར་མ་འོང་པའི་འབྲས་བུ་ཐོབ་བོ །། ལས་གསུམ་པ་བརྗོད་པ་དང ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་