Aller au contenu

Page:Journal asiatique, série 6, tome 5-6.djvu/1125

La bibliothèque libre.
Le texte de cette page a été corrigé et est conforme au fac-similé.
545
DU BUDDHISME DANS LE KASHMIR.

བཞག་གོ །། དེ་ནས་ཉི་མའི་གུང་གིས་བསམ་པ་སྐྱེས་པ །། བདག་གི་ [1] མཁན་པོས་ཀྱང་ཁ་ཆེ་ཡུལ་དུ་བསྡན་པ་ཞོག་ཅེས་བསྒོའོ །། བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་ཉི་མའི་གུང་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་དེ ། དེས་ཁ་ཆེའི་ཡུལ་དུ་ཀྰུ་མི་[བ[2]] སྲུན་པ་ཧུ་ལུན་ཏ་བ་བུལ་ནས་བསྟན་པ་འཇོག་པར་འགྱུར་ཞེས་ལུང་བསྟན་པས ། མ་ལ་བདག་གིས་སྟོན་པའི་དགོངས་པ་ཡོངས་སུ་བསྒྲུབ་པར་བྱའོ་སྙམ་ནས ། ཚེ་དང་ལྡན་པ་ཉི་མའི་གུང་གིས་ཁ་ཆེའི་ཡུལ་དུ་སོང་སྟེ ། སྐྱིལ་མོ་ཀྱུང་བཅས་ནས་འདུག་གོ ། དེ་ནས་ཉི་མའི་གུང་གིས་ཁ་ཆེའི་ཡུལ་གྱི་ཀླུ་འདི་ཟིལ་གྱིས་མནན་ལ ། ཀླུ་དེ་དག་འཁྲུགས་པར་བྱས་ན་འདུལ་བར་འགྱུར་རོ་དང་ ། འདི་ལྟར་ཁ་ཆེའི་ཡུལ་རྣམ་པ་དྲུག་ཏུ་གཡོས་ཏེ ། ཀླུ་དེ་དག་ཀྱང་འཁྲུགས་ཤིང་རབ་ཏུ་རྔམས་ནས ། རྫི་ཆར་དྲག་བོ་དག་ཕབ་སྟེ ། གནས་བརྟན་ལ་གནོད་པ་བྱ་བར་ཆས་པ་དང་ ། གནས་བརྟན་གྱིས་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས ། ཀྰུ་དེ་དག་གིས་གནས་བརྟན་གྱི་ཆོས་གོས་ཀྱི་མཐའ་མ་ཡང་གཡོ་བར་མ་ནུས་སོ །། དེ་ནས་ཀླུ་དེ་དག་ཀིས་མདའི་ཆན་ཕབ་པ་དང ། གནས་བརྟན་གྱས་ཀུན་ཏུ་གསལ་པའི་མེ་ཏོག་ཨུཏ་པ་ལ་དང ། པད་མ་དང ། ཀུ་མུ་ད་དང ། པད་མ་དཀར་པོར་ཕབ་བོ ། ཀླུ་དེ་དག་གིས་རྡོ་རྗེ་རྩེག་ཅིག་དང་ ། མདའ་པོ[3] ཆེ་དང་ །

  1. Le texte a བདག་གིས​ à l’instrumental : je lis བདག་གི au génitif.
  2. Le texte a སྲུན​​, les dictionnaires donnent unanimement བསྲུན​. Je rétablis le préfixe.
  3. Le texte a པོ ou བོ. Cependant les dictionnaires donnent le mot མདའ​ sans suffixe.